སྤྱོད་པ་པོལགས།
ཧུ་ཝཡེ་སྒྲིག་ཆས་ཁེ་ལས་མཉམ་འདུས་ཚད་གཞི་ཅན་དང་དེའི་འཛམ་གླིང་རྒྱ་ཁྱབ་ཏུ་ཡོད་པའི་ཁེ་ལས་མཉམ་འདུས་ཀྱིས་ ("ཧུ་ཝཡེ་" ཡང་ན། "ང་ཚོ་ / ངེད་ཅག /ང་ཚོ་ལ་") ཞེས་པ་དག་གི་འབྲེལ་ཁོངས་སུ་གཏོགས་པ་དང་། ཁྱེད་ཀྱི་གསང་རྒྱ་དེ་ཁྱེད་ལ་ཇི་ཙམ་གལ་ཆེན་པོ་ཡིན་པ་དེ་ང་ཚོའི་བསམ་ཤེས་ཐུབ་པ་དང་། ང་ཚོས་ཀྱང་ཁྱེད་ཀྱི་གསང་རྒྱ་དེ་སྲུང་སྐྱོབ་ལེགས་པོ་བྱེད་པའི་ཁས་ལེན་བྱེད་པ་ཡིན། ཁྱེད་ཀྱིས་གསང་སྡོམ་སྲིད་ཇུས་འདི་ (”སྲིད་ཇུས་འདི་”) གོ་རྟོགས་ཐུབ་པའི་ངང་ཀློག་མ་ཐུབ་པ་དང་། དོན་མ་ཤེས་པ་དང་མོས་མཐུན་མ་བྱེད་བར་དུ། ཧུ་ཝཡེ་ལ་ཁྱེད་ཀྱི་སྒེར་རམ་གསང་རྒྱ་གཞི་གྲངས་ཅི་ཡང་མ་འབུལ་རོགས་གནང་།
ང་ཚོས་སྲིད་ཇུས་འདི་ཁྱེད་ལ་དོན་རྟོགས་པར་རོགས་པ་བྱེད་པའི་ཆེད་དུ་བཟོ་སྐྲུན་བྱས་པ་ཡིན།
༡། ཧུ་ཝཡེ་ཡིས་ཁྱེད་ཀྱིས་སྒེར་གྱི་གཞི་གྲངས་ཇི་ལྟར་བེད་སྤྱོད་བྱེད་ཀྱི་འདུག་གམ།
༢། ཧུ་ཝཡེ་ཡིས་ Cookies དང་དེ་འདྲ་བའི་འཕྲུལ་ལས་རིག་པ་ཇི་ལྟར་བེད་སྤྱོད་བྱ་ཚུལ།
༣། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་ལྟར་གསང་སྒྲོག་བྱེད་ཀྱི་འདུག་གམ།
༤། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་ཇི་ལྟར་བྱེད་ནས་ལྟ་སྤྱོད་དང་བཟོ་བཅོས། སྒྱུར་བཅོས་བྱེད་དགོས་སམ།
༥། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་ལྟར་སྲུང་སྐྱོབ་བྱེད་ཐུབ་བམ།
༦། ཧུ་ཝཡེ་ཡིས་ཕྲུ་གུའི་སྒེར་གྱི་གཞི་གྲངས་དག་ཇི་ལྟར་བྱེད་ནས་སྐྱོང་འཛིན་བྱེད་དམ།
༧། ཚོགས་སྡེ་གསུམ་པ་མཁོ་སྤྲོད་པ་དང་ཁོང་ཚོའི་ཞབས་ཞུ་དག
༨། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་རྒྱལ་སྤྱིའི་སྟེང་ཇི་ལྟར་འཕོ་འགྱུར་བྱེད་དམ།
༩། སྲིད་ཇུས་ཇི་ལྟར་བྱེད་ནས་གསར་བརྗེ་བྱེད་དམ།
༡༠། རྒྱལ་སྤྱིའི་སྤྱོད་པ་པོ་དག
༡༡། ཧུ་ཝཡེ་ལྷན་ཇི་ལྟར་འབྲེལ་གཏུག་བྱ་དགོས་སམ།
སྲིད་ཇུས་འདི་ནི་ཧུ་ཝཡེ་དངོས་རྫས་སྤྱོད་མཁན་གྱི་ཉེར་སྤྱོད་པའི་རིམ་པ་ཁོ་ན་ལ་ལག་བསྟར་བྱེད་ཀྱི་ཡོད་པའི་ཐུགས་སྣང་མཛོད། དཔེར་ན། ཁྱད་ཆོས་ཅན་གྱི་ཁ་པར། སྟབས་བདེ་ཁ་པར། ཊེབ་ལེཏ། ཁྱིམ་གྱི་སྒྲིག་ཆས། གཞི་གྲངས་བྱང་བུ། རྩིས་འཀོར་ཉེར་སྤྱོད། ལག་ཆ། མཉེན་ཆས། དྲ་ཚིགས་དང་ཞབས་ཞུ་དག དེའང་འདིར་འགྲེམས་སྟོན་བྱེད་པའམ་སྲིད་ཇུས་འདི་ལྷན་སྦྲེལ་མཚམས་ཡོད།
སྲིད་ཇུས་འདི་ཡིས་ཧུ་ཝཡེ་ཡིས་སྒེར་རམ་གསང་རྒྱ་གཞི་གྲངས་ཇི་ལྟར་སྐྱོང་འཛིན་བྱེད་ཀྱི་ཡོད་པ་དང་། ཧུ་ཝཡེ་ཡིས་ཁྱེད་ཀྱི་གསང་རྒྱ་སྲུང་སྐྱོབ་བྱེད་པར་ཁས་ལེན་ཇི་ལྟར་བྱེད་ཡོད་པ། ཡིན་ནའང་། གཞི་གྲངས་ལས་སྣོན་བྱེད་ཕྱོགས་ཐད་སྲིད་ཇུས་གཅིག་གི་དེའི་འབྲེལ་གཏམ་གླེང་ཁྱབ་ཆེན་པོ་བྱེད་ཐུབ་པ་མེད། དེ་འདྲ་སོང་ཙང་། གཞི་གྲངས་ཕྱོགས་བསྡུས་གཞན་གྱི་དགོས་དོན་སྐོར་ཁྱེད་ལ་གོ་རྟོགས་སླེབས་པར། སྲིད་ཇུས་འདིའི་ཁ་སྐོང་ཚུལ་དུ་ཧུ་ཝཡེ་ཡིས་དངོས་རྫས་ངེས་ཅན་གཅིག་གམ་ཞབས་ཞུ་དག་གི་འཕར་སྣོན་ཆ་འཕྲིན་མཁོ་སྤྲོད་བྱེད་པ་ཡིན།
ཁྱེད་ཀྱིས་དངོས་རྫས་སམ་ཞབས་ཞུ་ངེས་ཅན་ཞིག་གི་ཐད་ང་ཚོའི་གསང་སྡོམ་སྲིད་ཇུས་ལེགས་པར་གོ་རྟོགས་ཡོང་ཆེད། ཁྱེད་ལ་སྲིད་ཇུས་འདི་དང་ཁ་སྐོང་སྲིད་ཇུས་གཉིས་པོ་ཀློག་པར་འོས་སྦྱོར་བྱས་ཡོད།
1. ཧུ་ཝཡེ་ཡིས་ཁྱེད་ཀྱིས་སྒེར་གྱི་གཞི་གྲངས་ཇི་ལྟར་བེད་སྤྱོད་བྱེད་ཀྱི་འདུག་གམ།
སྒེར་གྱི་གཞི་གྲངས་ནི་མི་ཞིག་བྱེ་བྲག་ཏུ་འགྲེལ་བཤད་རྒྱག་ཐུབ་པའི་ཆ་འཕྲིན་ཡིན། ཡང་ན། ང་ཚོའི་དངོས་རྫས་སམ་ཞབས་ཞུ་གང་ཞིག་བེད་སྤྱོད་བྱེད་སྐབས་ཕྱོགས་བསྡུས་བྱེད་པའི་ཆ་འཕྲིན་ཡིན། དཔེར་ན། མིང་།་སྐྱེས་ཚེས། ཁ་བྱང་། ངོ་སྤྲོད་ཨང་གྲངས། ཁ་པར་ཨང་གྲངས། ཐོ་ཁོངས་ཨང་གྲངས། འདྲ་པར་དང་དུས་ཚོད་དང་ས་གནས་གང་ཞིག་ལ་མི་འདི་ཡིས་གོང་འཁོད་དངོས་རྫས་དང་ཞབས་ཞུ་གང་བེད་སྤྱོད་བྱས་པ་ཤེས་ཐུབ་པ་ཡིན། སྲིད་ཇུས་འདི་ནང་མཚོན་པའི་དགོས་དོན་ཁོ་ན་སླད། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་བསྡུ་བ་དང་བེད་སྤྱོད་བྱེད་པ་ཡིན། ང་ཚོས་སྒེར་གྱི་གཞི་གྲངས་ཇི་རིགས་བསྡུ་བ་དང་དེ་དག་བེད་སྤྱོད་ཇི་ལྟར་བྱེད་སྲིད་པའི་དཔེ་མཚོན་དག་གཤམ་གསལ་ལྟར་ཡིན།
༡.༡ ཧུ་ཝཡེ་ཡིས་སྒེར་གྱི་གཞི་གྲངས་ཇི་འདྲ་ཞིག་བསྡུ་འམ།
ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་འདྲ་མིན་བསྡུ་སྲིད་པ་ཡིན། དཔེར་ན། ཁྱེད་ཀྱི་མིང་། ངོ་སྤྲོད་འདྲ་པར། ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་། ལོ་དང་ས་ཚིགས་ཞིབ་ཕྲ། གཤམ་དུ་གསལ་བ་དག་ནི་ང་ཚོས་ཁྱེད་ལས་སྒེར་གྱི་གཞི་གྲངས་ཇི་འདྲ་རིགས་བསྡུ་བའི་དཔེར་བརྗོད་འགའ་ཡིན།
(a) ཁྱེད་ཀྱིས་ཐད་ཀར་མཁོ་སྤྲོད་བྱེད་པའི་ཆ་འཕྲིན། - ང་ཚོའི་ཞབས་ཞུ་མང་པོ་ཞིག་གིས་ཁྱེད་ལ་ཐོ་ཁོངས་སམ་ངོ་སྤྲོད་མདོར་བསྡུས་ཞིག་བཟོས་སུ་བཅུག་པ་ཡིན། ང་ཚོས་ཁྱེད་ལ་ངེས་ལྡན་ཐོ་ཁོངས་ཆ་འཕྲིན་མཁོ་སྤྲོད་བྱེད་པར་རེ་སྐུལ་བྱེད་པ་ཡིན། དཔེར་ན། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་། སྐྱེལ་འགྲེམ་ཁ་བྱང་། ཁ་པར་ཨང་གྲངས། དངོས་རྫས་ཆ་འཕྲིན། ཉོ་སྒྲུབ་བྱས་པའི་དུས་ཚོད་དང་རིན་སྤྲོད་བྱས་པའི་ཐབས་ལམ། ཁྱེད་ཀྱི་གྲོགས་པོ་ལྷན་ནང་དོན་མཉམ་སྤྱོད་བྱེད་པར་ཁྱེད་ཀྱིས་ཧུ་ཝཡེ་ཞབས་ཞུ་དག་བེད་སྤྱོད་བྱེད་པ་ཡིན་ན། ང་ཚོས་ཁྱེད་ཀྱི་གྲོགས་པོའི་འབྲེལ་གཏུག་ཆ་འཕྲིན་དག་མཁོ་སྤྲོད་བྱེད་པར་རེ་སྐུལ་བྱེད་པ་ཡིན། དཔེར་ན། ཁོང་ཚོའི་མིང་། ངོ་སྤྲོད་འདྲ་པར། ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་། ང་ཚོའི་ཞབས་ཞུ་ཁག་འགའ་ཡིས་ཁྱེད་ལ་མི་གཞན་ལྷན་འབྲེལ་བ་བྱེད་པ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པར་མཐུན་རྐྱེན་སྦྱོར་བ་ཡིན། དེ་འབྲེལ་ལམ་དང་ཆ་འཕྲིན་མཉམ་སྤྱོད་བྱས་པ་དག་བརྟན་པོ་དང་བདེ་འཇགས་ངང་ལས་སྣོན་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱི་སྒྲིག་ཆས་སམ་ཉེར་སྤྱོད་ལ་ནོར་འཁྲུལ་འཕྲད་ཚེ། ཁྱེད་ཀྱིས་ཆ་འཕྲིན་ནོར་འཁྲུལ་དེ་ཧུ་ཝཡེ་ལ་བཏང་བར་འདེམས་ཐུབ་པ་ཡིན།
(b) ཁྱེད་ཀྱིས་ང་ཚོའི་ཞབས་ཞུ་དག་བེད་སྤྱོད་བྱས་པའི་ཆ་འཕྲིན། - ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ལས་རྒྱུད་ཁོངས་དང་ཉེར་སྤྱོད་གཞི་གྲངས་བསྡུ་སྲིད་པ་ཡིན། དེའི་ནང་སྒྲིག་ཆས་མིང་། རྒྱུད་ཁོངས་དང་ཉེར་སྤྱོད་རིམ་པ་དག ས་ཁུལ་དང་སྐད་ཡི་སྒྲིག་བཀོོད། སྒྲིག་ཆས་རིམ་པ། སྒྲིག་ཆས་ངོ་སྤྲོད་ཨང་གྲངས (IMEI, ESN, MEID, and SN) དང་། ཁྱེད་ཀྱི་སྒྲིག་ཆས་ཀྱི་ས་བཤད་ས་ཚིགས་ཆ་འཕྲིན་ (དཔེར་ན། ཁྱེད་ཀྱི་སྒྲིག་ཆས་གང་ལ་འཆའ་ཡོད་པ་དེ་ཡིས་ས་ཚིགས་ངོ་སྤྲོད།) ཁྱེད་ཀྱི་ཞབས་ཞུ་མཁོ་སྤྲོད་པའི་དྲ་ལམ་ངོ་སྤྲོད། ཁྱེད་ཀྱིས་ཉེར་སྤྱོད་ཁ་བྱང་ (PLMN) ཇི་འདྲ་བེད་སྤྱོད་བྱེད་ཀྱི་ཡོད་ཚུལ་དང་། ཁྱེད་ཀྱིས་དྲ་རྒྱ་ལྟ་སྤྱོད་བྱེད་པའི་ IP ཁ་བྱང་། ང་ཚོས་ཐོ་འགོད་ཟིན་པའི་ཆ་འཕྲིན་དག་ཀྱང་བསྡུ་རུབ་བྱེད་པ་ཡིན། དཔེར་ན། ཁྱེད་ཀྱིས་ང་ཚོའི་ཞབས་ཞུ་སྤྱོད་པའི་དུས་ཡུན་དང་ཆུ་ཚོད། ཞབས་ཞུ་བརྒྱུད་ཁྱེད་ཀྱིས་འདྲི་ཞིབ་བརྡ་ཆད་འཇུག་པ་འཚོལ་ཞིབ་བྱེད་པ་དང་། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་སྟེང་སྒྲིག་བཀོད་བྱས་པའི་ cookies སྟེང་ཆ་འཕྲིན་ཅི་རིགས་གསོག་ཉར་ཐུབ་པ་དག་ཡིན།
(c) ཚོགས་སྡེ་གསུམ་པའི་འབྱུང་ཁུངས་ལས་བྱུང་བའི་ཆ་འཕྲིན། - ཁྲིམས་མཐུན་ཆོག་མཆན་འོག་ང་ཚོས་མང་ཚོགས་དང་ཚོང་དོན་གྱི་སྒོ་ནས་ཁྱེད་ཀྱི་སྐོར་ཐོབ་རུང་ཡོད་པའི་འབྱུང་ཁུངས་ཁག་ལས་ཁྱེད་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་པ་ཡིན། ང་ཚོས་ཁྱེད་ཀྱི་གནས་ཚུལ་སྐོར་ཚོགས་སྡེ་གསུམ་པའི་སྤྱི་ཚོགས་དྲ་ལམ་ཞབས་ཞུ་བརྒྱུད་ནས་བསྡུ་ལེན་ཡང་བྱེད་སྲིད་པ་ཡིན། དེ་ཡང་། ཁྱེད་ཀྱིས་ཞབས་ཞུ་དེ་དག་ལྷན་སྦྲེལ་མཐུད་བྱེད་པར། ང་ཚོའི་དྲ་ཚིགས་སྟེང་ཁྱེད་ཀྱི་ངོ་དེབ་དང་ཊི་ཝི་ཏར་ཐོ་ཁོངས་བེད་སྤྱོད་བྱེད་ནས་ཐོ་འགོད་བྱེད་སྐབས་ང་ཚོས་ཁྱེད་ཀྱི་གནས་ཚུལ་བསྡུ་ལེན་བྱེད་པ་ཡིན།
༡.༢ ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་ལྟར་བེད་སྤྱོད་བྱེད་དམ།
ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་གི་བེད་སྤྱོད་བྱེད་ཡུལ་ནི།
(a) ཁྱེད་ཀྱིས་ཉོ་སྒྲུབ་བྱས་པའི་བཀོད་ཁྱབ་ལག་བསྟར་བྱེད་རྒྱུ། ཁྱེད་ཀྱི་དངོས་རྫས་དང་ཞབས་ཞུ་དག་སྐྱེལ་འགྲེམ་བྱ་རྒྱུ། ཁྱེད་ཀྱི་དངོས་རྫས་དང་ཞབས་ཞུ་དག་ནུས་ལྡན་ནམ་ཞིབ་བཤེར་བྱ་རྒྱུ། ཁྱེད་ཀྱིས་རེ་སྐུལ་ལྟར་བརྗེ་སྒྱུར་བྱ་རྒྱུ་དང་། ཆེད་ལས་ར་འདེགས་མཁོ་སྤྲོད་བྱ་རྒྱུ།
(b) ཁྱེད་ལ་འབྲེལ་གཏུག་བྱ་རྒྱུ། ཁྱེད་ཀྱིས་དབྱིངས་ཡོད་པའི་དངོས་རྫས་དང་ཞབས་ཞུ་དག་གི་ཆ་འཕྲིན་གཏོང་རྒྱུ། ཁྱེད་ཀྱི་གྲོས་མཐུན་སྟེང་ཧུ་ཝཡེ་གོང་སྤེལ་དང་ཚོང་འདུས་ལྟ་ཞིབ་ཆེད་མགྲོན་བརྡ་གཏོང་རྒྱུ། ཡང་ན། ཁྱེད་ཀྱིས་ཁ་གསལ་ཆོག་མཆན་ལྷན་ཁྱེད་ལ་ཐད་ཀར་ཚོང་འདུས་ཆ་འཕྲིན་མཁོ་སྤྲོད་བྱ་རྒྱུ། གལ་ཏེ་ཁྱེད་ཀྱི་ཆ་འཕྲིན་དེ་དག་འབྱོར་འདོད་མེད་ན། ཁྱེད་ཀྱིས་དུས་ནམ་ཡིན་ལ་འདོད་མོས་ངང་ཕྱིར་འདོན་ཆོག་པ་ཡིན།
(c) ཁྱེད་ལ་ཐོབ་རུང་ཡོད་པའི་རྒྱུད་ཁོངས་སམ་ཉེར་སྤྱོད་གསར་བརྗེ་དང་། གསར་བརྗེ་དེ་དག་ལག་བསྟར་བྱེད་ཕྱོགས་ཀྱི་གནས་ཞུལ་མཁོ་སྤྲོད་བྱ་རྒྱུ།
(d) ཁྱེད་ལ་སྒེར་གྱི་རྣམ་པ་སྒྱུར་བའི་སྤྱོད་པ་པོའི་ཉམས་མྱོང་མཁོ་སྤྲོད་བྱེད་རྒྱུ་དང་། ནང་དོན་རང་བཟོས་བྱེད་རྒྱུ་དང་། ཁྱེད་ཀྱི་བཙོང་ཟིན་ཞབས་ཞུ་དག་ནུས་ལྡན་བཟོས་རྒྱུ།
(e) ནང་རོལ་རྩིས་ཞིབ་དང་གཞི་གྲངས་དཔྱད་ཞིབ་ལག་བསྟར་བྱེད་པ་དང་། ང་ཚོའི་དངོས་རྫས་དང་ཞབས་ཞུ་དག་གོང་སྤེལ་གཏོང་བར་ཉམས་ཞིབ་བྱེད།
(f) ང་ཚོའི་ཚོང་ལས་བཀོལ་སྤྱོད་དང་ང་ཚོའི་ཚོང་འདུས་མཉམ་སྤྱོད་ཀྱི་ནུས་ཚད་དཔྱད་ཞིབ་བྱ།
(g) ཚོང་ཤག་འབྲེལ་ལམ་ཡར་རྒྱས་གཏོང་བ་དང་། ང་ཚོས་ཁྱེད་ལ་མཁོ་སྤྲོད་བྱས་པའི་སྤུས་ཚད་དང་ཞབས་ཞུ་བདེ་འཇགས་ངེས་བརྟན་བཟོ།
(h) ང་ཚོར་ཁྱེད་ཀྱི་ཆ་འཕྲིན་ནོར་བ་གཏོང་བར་འདེམས་སྐབས། དཀའ་གནད་བཀྲོལ་བའི་ཞབས་ཞུ་དག་ལག་བསྟར་བྱ།
(i) ཁྱེད་ཀྱིས་ཡར་འཇུག་གམ་ཕབ་ལེན་བྱས་པའི་གཞི་གྲངས་དག་མཉམ་བགྲོད་དང་། མཉམ་སྤྱོད་དང་གསོག་ཉར་བྱེད་པ་དང་། ཡར་འཇུག་དང་ཕབ་ལེན་ལ་ལྡན་དགོས་པའི་གཞི་གྲངས་ལག་བསྟར་བྱེད་པ་དང་།
(j) ང་ཚོའི་གྱོང་གུན་བཟློག་ཐབས་དང་ གཡོ་ཟོལ་ལས་རིམ་འཇོམས་ཐབས།
༡.༣ ས་ཚིགས་གཞིར་བཞག་ཞབས་ཞུ་ཁག
ཁྱེད་ཀྱིས་ས་ཚིགས་གཞིར་བཞག་ཞབས་ཞུ་འགའ་ལྟ་སྤྱོད་བྱེད་སྐབས། དཔེར་ན། ཁྱེད་ཀྱིས་ཆ་འཕྲིན་འཚོལ་ཞིབ་བྱེད་སྐབས། ས་ཚིགས་ངེས་ཅན་གཞིར་བཞག་སྒོ་ནས་གནམ་གཤིས་ཞིབ་བཤེར་བྱེད་པའམ་ཕྱོགས་ཁྲིད་བྱ། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒྲིག་ཆས་སྟེང་གི་ཞིབ་ཚགས་སམ་རབ་རིབ་ས་ཚིགས་ཆ་འཕྲིན་ལས་སྣོན་བྱེད་པ་དང་། བསྡུ་རུབ་བྱེད་པ་དང་བེད་སྤྱོད་བྱེད་སྲིད་པ་ཡིན། འདི་ཡིས་ཧུ་ཝཡེ་ལ་ཁྱེད་ཆེད་ཞབས་ཞུ་དག་སྡོན་དུ་མཁོ་སྤྲོད་བྱེད་པ་ཡིན། ཆ་འཕྲིན་ཕྱོགས་བསྡུས་བྱས་པའི་ནང་། ཁྱེད་ཀྱི་སྒྲིག་ཆས་ངོ་སྤྲོད་ཨང་གྲངས་ (IMEI, ESN, MEID, and SN) དང་། རིགས། རྣམ་པའི་རིམ་པ་དང་། དུས་ཚོད་དངོས་ཀྱི་ས་ཚིགས་ཆ་འཕྲིན། (GPS, WLAN བརྒྱུད་ནས་རྙེད་སོན་བྱུང་བ་དང་ཁྱེད་ཀྱི་ཞབས་ཞུའི་མཁོ་སྤྲོད་པའི་དྲ་ལམ་ཁ་བྱང་འཚུད་པ་ཡིན།) དག་འཚུད་པ་ཡིན། ས་ཚིགས་གཞིར་བཞག་དངོས་རྫས་དང་ཞབས་ཞུ་དག་མཁོ་སྤྲོད་དང་ཡར་རྒྱས་གཏོང་པར། ཧུ་ཝཡེ་ཡིས་ས་ཚིགས་ཆ་འཕྲིན་བསྡུ་རུབ་བྱེད་སྲིད་པ་ཡིན།
ང་ཚོས་ཁྱེད་ལ་ཞབས་ཞུ་རིམ་པ་བརྒྱུད་ནས་ཁྱེད་ཉིད་ཀྱི་ས་ཚིགས་ཞབས་ཞུ་དག་ནུས་ལྡན་བཟོ་འདོད་ཡོད་མེད་ཀྱི་སྐད་ཆ་འདྲི་བ་ཡིན། ཁྱེད་ཀྱི་སྒྲིག་ཆས་སྟེང་གི་ས་ཚིགས་ཞབས་ཞུ་ཁ་བཀག་ནས། ཁྱེད་ཀྱིས་ས་ཚིགས་ཆ་འཕྲིན་མཉམ་སྤྱོད་མི་བྱེད་པའི་འདེམས་ག་བྱེད་ཆོག་པ་ཡིན། ས་ཚིགས་གཞིར་བཞག་ཞབས་ཞུ་དག་ནུས་མེད་ཇི་ལྟར་བཟོ་ཕྱིར་གྱི་ཞིབ་ཕྲ་ཆ་འཕྲིན་ཆེད། ཁྱེད་ཀྱི་སྐྱེན་འདྲེན་ནམ་ཞབས་ཞུ་མཁོ་སྤྲོད་པ་ལ་འབྲེལ་གཏུག་གནང་རོགས།
༡.༤ ངོ་རྟགས་མི་ཆོད་པའི་ཆ་འཕྲིན་བེད་སྤྱོད་དང་ཕྱོགས་བསྡུས།
“ངོ་རྟགས་མི་ཆོད་པའི་ཆ་འཕྲིན་” ནི་ཆ་འཕྲིན་གང་ཞིག་དེ་ཡིས་མི་བྱེད་བྲག་ཞིག་ངོ་རྟགས་ཆོད་མི་ཐུབ་པ་ལ་འབྲེལ་སྦྱོར་བྱེད་པ་ཡིན། ཧུ་ཝཡེ་ཡིས་རྣམ་གྲངས་ཆ་འཕྲིན་ཚོགས་པ་དག་བསྡུ་རུབ་བྱེད་པ་ཡིན། དཔེར་ན། ང་ཚོའི་དྲ་ཚིགས་སྟེང་སླེབས་པའི་མི་གྲངས། ཧུ་ཝཡེ་ཡིས་ཆ་འཕྲིན་དེ་དག་བསྡུ་རུབ་བྱེད་ནས་མི་ཚོས་ང་ཚོའི་དྲ་ཚིགས་དང་དངོས་རྫས་སམ་ཞབས་ཞུ་དག་ཇི་འདྲ་བེད་སྤྱོད་བྱེད་ཀྱི་ཡོད་མེད་ཀྱི་དོན་རྟོགས་པ་ཡིན། འདི་འདྲ་བྱེད་ནས། ང་ཚོའི་ཞབས་ཞུ་དག་གིས་ཚོང་ཤག་གི་དགོས་མཁོ་དང་མཐུན་པར་བྱེད་ནས་ཧུ་ཝཡེ་ཡར་རྒྱས་ཕྱིན་པ་དང་རྒྱུག་འགྲོས་བདེ་པོ་བཟོས་ཐུབ་པ་ཡིན། ཧུ་ཝཡེ་ཡིས་རང་མོས་ཐག་གཅོད་ཀྱི་འདོད་དབང་བཞིན་ཆ འཕྲིན་དག་བསྡུ་རུབ་དང་བེད་སྤྱོད་དང་ལས་སྣོན་དང་འཕོ་འགྱུར་བྱེད་པ་ཡིན། ཡང་ན། དགོས་དོན་གཞན་ཆེད་ངོ་རྟགས་མི་ཆོད་པའི་ཆ་འཕྲིན་གསང་སྒྲོག་བྱེད་པ་ཡིན།
ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དང་ངོ་རྟགས་མི་ཆོད་པའི་ཆ་འཕྲིན་ལོགས་སུ་འཇོག་པར་འབད་རྩོལ་བྱེད་པ་དང། ཆ་འཕྲིན་རིགས་རེ་རེ་རང་དབང་ངང་བེད་སྤྱོད་བྱེད་པ་ཡིན། སྒེར་གྱི་གཞི་གྲངས་དེ་ངོ་རྟགས་མི་ཆོད་པའི་ཆ་འཕྲིན་ལྷན་ཟླ་སྒྲིལ་བྱེད་སྐབས། དེ་ལྟ་བུའི་ཟླ་སྒྲིལ་དེ་སྒེར་གྱི་གཞི་གྲངས་སུ་ལྟ་ཚུལ་འཛིན་པ་ཡིན།
2. ཧུ་ཝཡེ་ཡིས་ Cookies དང་དེ་འདྲ་བའི་འཕྲུལ་ལས་རིག་པ་ཇི་ལྟར་བེད་སྤྱོད་བྱ་ཚུལ།
༢༡ Cookies
ང་ཚོའི་དྲ་ཚིགས་བྱེད་ལས་ཡག་པོ་བྱེད་པའི་ངེས་བརྟན་བཟོ་བར། ང་ཚོས་སྐབས་འགར་ཁྱེད་ཀྱི་རྩིས་འཁོར་རམ་ཁ་པར་སྒྲིག་ཆས་སྟེང་ Cookies ཞེས་བྱ་བའི་གཞི་གྲངས་ཡིག་ཆ་ཆུང་ཆུང་རིགས་འཇོག་པ་ཡིན། Cookies ནི་ཞབས་ཞུ་འཕྲུལ་ཆས་ཀྱིས་འཇོག་པའི་ཁྱེད་ཀྱི་རྩིས་འཁོར་རམ་ཁ་པར་སྒྲིག་ཆས་སྟེང་གསོག་འཇོག་བྱེད་པའི་ཡིག་ཆ་སྟབས་བདེ་ཞིག་ཡིན་པ་དང་། ཞབས་ཞུ་འཕྲུལ་ཆས་དེ་ཁོ་ན་ཡིས་ Cookies དེའི་ནང་དོན་ཀློག་པ་དང་བསྐྱར་སོན་བྱེད་ཐུབ་པ་ཡིན། Cookies རེ་རེ་ནི་ཁྱེད་ཀྱི་དྲ་རྒྱ་བཤར་ལྟ་འཕྲུལ་ཆས་སམ་ཁ་པར་ཉེར་སྤྱོད་ཆེད་དམིགས་བསལ་ཡིན། དེ་ཡིས་ཆ་འཕྲིན་འགའ་འདྲེན་པ་ཡིན། དཔེར་ན། ངོ་རྟགས་ཆོད་མཁན། དྲ་ཚིགས་མིང་། ཨང་གྲངས་འགའ་དང་ཡིག་འབྲུ་འགའ། Cookies ཡིས་དྲ་ཚིགས་ལ་ཆ་འཕྲིན་དྲན་དུ་བཅུག་པར་བྱེད་པ་ཡིན། དཔེར་ན། ཁྱེད་ཀྱི་དགའ་འདེམས་གང་ཡིན་པ་འམ། ཁྱེད་ཀྱི་ཉོ་ཆ་རྒྱག་རྒྱུའི་སླེ་པོ་ནང་གང་ཡོད་པ་དག་དྲན་པར་བྱེད་བཅུག་པ་ཡིན།
དྲ་ཚིགས་ཆེ་བ་མང་ཆེ་བ་འམ་དྲ་རྒྱ་ཞབས་ཞུ་མཁོ་སྤྲོད་པ་དག་གིས། སྤྱོད་པ་པོའི་ཉམས་མྱོང་གོང་མཐོར་གཏོང་སླད་དྲ་ཚིགས་སུ་ཁྱེད་ཉིད་ དྲན་པར་ བྱེད་བཅུག་པ་ཡིན། དེའང་ཁྱེད་ཉིད་ཐེངས་གཅིག་སླེབས་སྐབས། (ཚོགས་ཐུན་ Cookies གཅིག་བེད་སྤྱོད་བྱེད་པ་ཡིན།) ཡང་ན། མུ་མཐུད་ནས་སླེབས་སྐབས། (ཡང་ཡང་ཡོང་བའི་ Cookies བེད་སྤྱོད་བྱེད་པ་ཡིན།) Cookies ཡིས་དྲ་ཚིགས་ལ་ཁྱེད་ཀྱི་སྒྲིག་བཀོད་དྲན་པར་རོགས་པ་བྱེད་པ་ཡིན། དཔེར་ན། ཁྱེད་ཀྱིས་རང་ཉིད་ཀྱི་རྩིས་འཁོར་རམ་ཁ་པར་སྒྲིག་ཆས་སྟེང་དྲ་ཚིགས་དག་ཇི་ལྟར་མཐོང་བར་འདོད་པའི་སྐད་ཡིག ཡིག་གཟུགས་ཚད་གཞི་དང་དགའ་འདེམས་གཞན་དག་བལྟ་བར་བཟོ་སྒྲིག་བྱེད་པ་ཡིན། འདི་འདྲ་བྱེད་ནས། ཁྱེད་ནམ་ཡང་ཕྱིར་ལོག་སྐབས། སླར་ཡང་དེ་དག་ཆ་ཚང་ཡར་འཇུག་བྱ་དགོས་མེད། གལ་ཏེ་དྲ་ཚིགས་ཞིག་གི་ Cookies བེད་སྤྱོད་བྱེད་ཀྱི་མེད་ན། དེ་ཡིས་ཁྱེད་ཉིད་དུས་རྟག་ཏུ་སྤྱོད་མཁན་གསར་པ་ཞིག་ཏུ་ངོས་འཛིན་བྱེད་ནས། དྲ་ཚིགས་སྟེང་དུ་ཤོག་ངོས་གསར་པ་ཞིག་ཁ་འབྱེད་པ་ཡིན། དཔེར་ན། ཁྱེད་ཀྱིས་ཐོ་འགོད་ཞིབ་ཕྲ་ཡར་འཇུག་བྱས་པ་དང་། ཤོག་ངོས་གཞན་ཞིག་ཏུ་འགུལ་བསྐྱོད་བྱེད་སྐབས། དྲ་ཚིགས་ཀྱིས་ཁྱེད་ཉིད་ངོ་མི་ཤེས་པ་དང་། དེ་ཡིས་མུ་ཐུད་ནས་ཁྱེད་ཉིད་ཐོ་འགོད་ཟིན་ངང་འཇོག་མི་ཐུབ་པ་ཡིན།
འདི་ནང་འཁོད་མ་གཏོགས་དགོས་དོན་གཞན་ཅི་རིགས་སླད། ཧུ་ཝཡེ་ཡིས་ Cookies བེད་སྤྱོད་མི་བྱེད་པ་ཡིན། ཁྱེད་ཀྱིས་ངེས་ལྡན་བཞིན་ Cookies དག་ཚོད་འཛིན་ནམ་བསུབ་འདོར་བྱེད་ཆོག་པ་ཡིན། ཞིབ་ཕྲ་ཆེད་འདིར་བལྟ།
AboutCookies.org. ཁྱེད་ཀྱི་རྩིས་འཁོར་སྟེང་སྔ་ས་ནས་ཡོད་པའི་ Cookies ཆ་ཚང་བསུབ་འདོར་ཐུབ་པ་མ་ཟད། Cookies བཀག་ཆེད་དུ་དྲ་རྒྱ་བཤར་ལྟ་འཕྲུལ་ཆས་མང་ཆེ་བ་སྒྲིག་བཀོད་ཐུབ་པ་ཡིན། ཡིན་ནའང་། གལ་ཏེ་འདི་ལྟར་བྱེད་ཚེ། ཁྱེད་ཀྱིས་དུས་ནམ་ཡང་ང་ཚོའི་དྲ་ཚིགས་ལ་བསྐྱོད་སྐབས། སྒྲིག་བཀོད་ལས་དགའ་འདེམས་འགའ་ལག་པས་སྙོམ་སྒྲིག་བཟོས་དགོས་པ་ཡིན། ཁྱེད་ཀྱི་དྲ་རྒྱ་བཤར་ལྟ་འཕྲུལ་ཆས་སྒྲིག་བཀོད་ཇི་ལྟར་བརྗེ་སྒྱུར་བྱེད་དགོས་མེད་ཀྱི་ཞིབ་ཕྲ་ཆེད། གཤམ་གྱི་རིམ་འདས་སྦྲེལ་མཐུད་ལ་བསྐྱོད་རོགས་གནང་། <
Internet Explorer>, <Google Chrome>, <Mozilla Firefox>, <Safari>, དང་ <
Opera>.
༢.༢ དྲ་རྒྱའི་ཉེན་གཏོང་དང་བརྙན་རྒྱུ་མཐུད་འཛར།
cookies ཡི་ཁ་སྣོན་དུ། དྲ་རྒྱའི་ཉེན་གཏོང་དང་བརྙན་རྒྱུ་མཐུད་འཛར་དག་ནི་ང་ཚོས་བེད་སྤྱོད་བྱས་པའི་འཕྲུལ་ལས་རིག་པ་འདྲ་མཚུངས་ཞིག་ཡིན། དུས་རྒྱུན་དུ། ཧུ་ཝཡེ་ཡིས་ཁྱེད་ལ་བཏང་བའི་གློག་འཕྲིན་ནང་། “URL བརྒྱུད་ནས་ཐུག་ཙམ་གཞུས་” ཞེས་པ་ཞིག་ཡོད་པ་དེ་ཡིས་ཧུ་ཝཡེ་དྲ་ཚིགས་སྟེང་གི་ནང་དོན་ལ་སྦྲེལ་མཐུད་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་མཐུད་མཚམས་དེའི་སྟེང་གནན་པ་ཡིན་ན། དེ་ click-through ནི་ཧུ་ཝཡེ་ཡིས་བགྲོད་ལམ་ཟིན་པ་ཞིག་ཡིན་པ་དང་། དེ་ཡིས་ཁྱེད་ཀྱིས་དགའ་འདེམས་དག་ང་ཚོའི་དངོས་རྫས་སམ་ཞབས་ཞུ་དག་ལས་ཤེས་རྟོགས་བྱེད་པ་དང་། ང་ཚོའི་ཚོང་ཤག་ཞབས་ཞུ་ཡར་རྒྱས་གཏོང་། དྲ་རྒྱའི་ཉེན་གཏོང་ནི་ཁྱད་པར་དུ་ཕྱི་གསལ་ནང་གསལ་གྱི་བརྐོས་རིས་འདྲ་པར་ཞིག་ཡིན་པ་དེ་ནི་དྲ་ཚིགས་སམ་གློག་འཕྲིན་ནང་འཇོག་ཡོད་པ་ཡིན། བརྙན་རྒྱུ་མཐུད་འཛར་གྱིས་ང་ཚོར་གློག་འཕྲིན་བརྡ་ཐུང་ཞིག་རྣམ་དབྱིབས་དམིགས་བསལ་ཅན་ཞིག་གི་ནང་གཏོང་དུ་བཅུག་པ་ཡིན། དེ་ཡིས་གློག་འཕྲིན་དེ་ཁ་ཕྱེ་ཡོད་མེད་ང་ཚོར་ཤེས་སུ་འཇུག་པ་ཡིན། གལ་ཏེ་ཁྱེད་ཀྱིས་འཕྲུལ་ལས་རིག་པ་འདི་དག་གིས་བགྲོད་ལམ་ཤེས་སུ་འཇུག་འདོད་མེད་ན། ཁྱེད་ཀྱིས་དུས་ནམ་ཡིན་ལ་གློག་འཕྲིན་རྒྱུན་མངགས་མཚམས་འཇོག་བྱེད་ཆོག་པ་ཡིན།
2.3 གསང་བརྡ་ཡི་བགྲོད་ལམ་མ་འཚོལ།
དྲ་རྒྱ་བཤར་ལྟ་ཕྲུལ་ཆས་ཁྱད་ཆོས་ “གསང་བརྡ་ཡི་བགྲོད་ལམ་མ་འཚོལ།” ཞེས་པའི་བྱེད་ལས་འདི་ཡིས། སྤྱོད་པ་པོས་ཁ་ཕྱེ་བའི་དྲ་ཚིགས་དེར་ “གསང་བརྡ་ཡི་བགྲོད་ལམ་མ་འཚོལ།” ཞེས་པའི་གསང་བརྡ་གཏོང་བ་ཡིན། ད་ལྟའི་ཆར། སྣེ་ཁྲིད་དྲ་རྒྱ་ཚད་ལྡན་སྒྲིག་བཀོད་ཚོགས་ཆུང་ནང་མཉམ་ཞུགས་པའི་ནང་། དྲ་ཚིགས་ལ་གསང་བརྡ་དེ་འདྲ་འབྱོར་སྐབས་དྲ་ཚིགས་ཀྱི་གང་བྱེད་དགོས་ཡོད་མེད་ཐད་བསམ་ཚུལ་གཅིག་མཐུན་མེད། ང་ཚོས། ཡིན་འང་ཁྱེད་ཀྱི་བཤར་ལྟ་འཕྲུལ་ཆས་སྟེང་སྒྲིག་བཀོད་ཐུབ་པའི་ “
གསང་བརྡ་ཡི་བགྲོད་ལམ་མ་འཚོལ།” གདམ་ག་དེར་བརྩི་བཀུར་བྱེད་ཀྱི་ཡོད།
3. ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་ལྟར་གསང་སྒྲོག་བྱེད་ཀྱི་འདུག་གམ།
ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་ཚོགས་སྡེ་གསུམ་པ་རིགས་ལ་མི་བཙོང་བ་ཡིན། ཡིན་ནའང་། ཧུ་ཝཡེ་ཡིས་གཤམ་གྱི་གནས་སྟངས་བརྒྱུད་ནས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་གསང་སྒྲོག་བྱེད་སྲིད་པ་ཡིན།
3.1 ཁྱེད་ཀྱི་ཆོག་མཆན་གསལ་ཁ་ལྷན་གསང་སྒྲོག་བྱེད་པ། - ཁྱེད་ཀྱིས་བཀའ་འཁྲོལ་ཐོབ་རྗེས་སུ། ཁྱེད་ཀྱིས་བཀོད་ཁྱབ་དང་ལམ་སྟོན་བྱས་པ་ཇི་བཞིན་དུ་ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་མཉམ་སྤྱོད་བྱེད་སྲིད་པ་ཡིན།
3.2 ཧུ་ཝཡེ་འབྲེལ་ཁོངས་སུ་གསང་སྒྲོག་བྱས་པ། - ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་ཧུ་ཝཡེ་འབྲེལ་ཁོངས་ནང་ཁུལ་གསང་སྒྲོག་བྱེད་པ་དང་། སྲིད་ཇུས་དང་འབྲེལ་ནས་ང་ཚོས་འབྲེལ་ཁོངས་ལ་དགོས་ངེས་ཆ་འཕྲིན་ལས་མང་བ་ང་ཚོས་གསང་སྒྲོག་མི་བྱེད་པ་ཡིན།
3.3 དབང་ཚད་ལྡན་པའི་མཉམ་སྦྲེལ་བྱེད་མཁན་གྱི་ཚོང་སྦྲེལ་དག་ལ་གསང་སྒྲོག་བྱེད་པ་ཡིན། (“ང་ཚོའི་ཚོང་སྦྲེལ།”) ང་ཚོའི་ཚོང་སྦྲེལ་བརྒྱུད་ནས་ཧུ་ཝཡེ་ཡིས་ཁྱེད་ལ་ཞབས་ཞུ་དག་མཁོ་སྤྲོད་བྱེད་དགོས་སྲིད་པ་ཡིན། དེ་འདྲ་སོང་ཙང་། ཁྱེད་ལ་ཚོང་ཤག་ཞབས་ཞུ་ལེགས་པ་དང་། ཁྱེད་ཀྱི་ཁྱོན་ཡོངས་ཀྱི་ཉམས་མྱོང་གོང་མཐོར་གཏོང་ཆེད། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་འགའ་ང་ཚོའི་ཚོང་སྦྲེལ་ལྷན་མཉམ་སྤྱོད་བྱེད་པ་ཡིན། དཔེར་ན། ཁྱེད་ཀྱི་ཧུ་ཝཡེ་དངོས་རྫས་དག་འཁོར་མཐུད་སྟེང་ཉོ་སྒྲུབ་བྱེད་པའི་ཐག་གཅོད་བྱེད་སྐབས། འབྲེལ་ཡོད་ཞབས་ཞུ་མཁོ་སྤྲོད་པ་དེར་ཁྱེད་ཀྱི་དངོས་རྫས་དག་ཁྱེད་སར་འབྱོར་བའམ། ཡང་ན། ཁྱེད་ལ་ཞབས་ཞུ་འདི་མཁོ་སྤྲོད་བྱེད་པར་ང་ཚོའི་ཚོང་སྦྲེལ་ལ་ཞུ་འབུལ་བྱེད་པས། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དག་འབུལ་སྦྱོར་བྱེད་དགོས་པ་ཡིན། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དེ་དགོས་དོན་ངེས་ཅན་དང་གསལ་ཁ་དང་ཁྲིམས་མཐུན་ཁོ་ན་ཆེད་ལས་སྣོན་བྱེད་སྲིད་པ་ཡིན། དམིགས་བཀར་དགོས་དོན་སྒྲུབ་པའི་སླད་དགོས་ངེས་གཞི་གྲངས་ཁྱོན་འབོར་ནི་ཆུང་ཆུང་ཡིན། ཧུ་ཝཡེ་ཁ་སྐོང་ཆ་ཚང་ངམ་ང་ཚོའི་ཚོང་སྦྲེལ་རོགས་པ་སུ་ལའང་། དགོས་དོན་ཅི་རིགས་སླད་མཉམ་སྤྱོད་ཟིནཔའི་སྒེར་གྱི་གཞི་གྲངས་བེད་སྤྱོད་བྱེད་མི་ཆོག་པ་ཡིན།
3.4 ཁྲིམས་མཐུན་དགོས་ངེས་ཀྱི་བཙན་བཀོལ་བྱེད་འམ་དགོས་ངེས་དོན་ལྡན་འོག་ཏུ་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་གསང་སྒྲོག་བྱ། ཁྲིམས་ལུགས་དང་ཁྲིམས་མཐུན་བྱ་རིམ། ཁ་མཆུ། ཡང་ན། མི་མང་དང་གཞུང་འབྲེལ་དབང་འཛིན་པས་དགོས་ངེས་སྐབས། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་གསང་སྒྲོག་བྱེད་པ་ཡིན། ཁྲིམས་ལུགས་ཀྱི་དབང་ཚད་འགའ་ཤས་ནང་། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དེ་ཧུ་ཝཡེ་འཚུད་པས་གནས་སྟངས་འོག་ཕར་སྤྲོད་ཚུར་ལེན་གྱི་ཚོགས་པ་འགའ་ཤས་ལ་ཡང་གསང་སྒྲོག་བྱས་པ་ཡིན། དཔེར་ན། བསྐྱར་དུ་སྒྲིག་འཛུགས་བྱེད་པ། ཟླ་སྒྲིལ་བྱེད་པའམ། སྤྲོད་འཇལ་མི་ཐུབ་པའི་མཁར་དབང་དངུལ་སྒྱུར་བུན་འཇལ། ང་ཚོས་དགོས་ངེས་དོན་ལྡན་གནས་སྟངས་ནང་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་གསང་སྒྲོག་བྱེད་པ་ཡིན། དེའི་ནང་ང་ཚོའི་ཁས་ལེན་ཡིག་ཆ་དང་ཆ་རྐྱེན་ལག་བསྟར་བྱེད་པ་དང་། ང་ཚོའི་ཚོང་ཤག་སྲུང་སྐྱོབ་བྱེད་ཚུལ་དག་འཚུད་པ་ཡིན།
4 ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་འདྲ་བྱེད་ནས་ལྟ་སྤྱོད་དང་སྒྱུར་བཅོས་དང་བརྗེ་ལེན་བྱེད་དགོས་སམ།
ཧུ་ཝཡེ་ཡིས་ཁས་ལེན་ཡིག་ཆ་དང་ཆ་རྐྱེན་འོག ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དུ་ནམ་ཡིན་ལ་སྟངས་འཛིན་ཐུབ་པ་ཡིན། དཔེར་ན། ཁྱེད་ཀྱི་སྒེར་གྱི་ཐོ་ཁོངས་དེབ་སྐྱེལ་ཆ་འཕྲིན། འབྲེལ་ཆགས་འདི་ནང་། ཁྱེད་ཀྱིས་འབུལ་ལམ་ཞུས་པའི་སྒེར་གྱི་གཞི་གྲངས་དེ་ཞིབ་ཚགས་ཡིན་པ་ངེས་བརྟན་དགོས། ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཞིབ་ཚགས་དང་། མཇུག་གཙང་དང་དུས་ཐོག་དང་མཐུན་པར་ཉར་བ་འབད་རྩོལ་བྱེད་པ་ཡིན།
ཁྲིམས་ཀྱིས་དམ་བསྒྲགས་བྱས་པ་འགའ་མ་གཏོགས། ཁྱེད་ལ་རང་ཉིད་ཀྱི་སྒེར་གྱི་གཞི་གྲངས་ལྟ་སྤྱོད་བྱེད་པར་བདག་དབང་ཡོད། དེ་ནི་ལུང་པ་དང་ཁྲིམས་མཐུན་གང་ཞིག་ལ་ངེས་ཅན་གསང་སྡོམ་དང་ཆ་འཕྲིན་བདག་དབང་ཡོད་པ་ཡིན། ང་ཚོས་དེ་དག་ལྷན་བསྟུན་སྤྱོད་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱི་གཞི་གྲངས་ལྟ་སྤྱོད་བདག་དབང་ལག་བསྟར་བྱེད་འདོད་ཡོད་ན། གློག་འཕྲིན་བརྒྱུད་ནས་ང་ཚོར་ཤེས་སུ་འཇུག་རོགས། གློག་འཕྲིན་ཁ་བྱང་ནི།
consumer_privacy@huawei.com བདེ་འཇགས་རྒྱུ་མཚན་རྐྱེན་པས་ཁྱེད་ཀྱི་རེ་ཞུ་དེ་ཡིག་འབྲེལ་ལམ་ནས་གཏོང་དགོས་པ་ཡིན།
དེ་མ་ཟད། ང་ཚོས་ཁྱེད་ཀྱི་སྐོར་ཆ་འཕྲིན་འཛིན་པ་དག་ལ། ཁྱེད་ནས་དེར་བསུབ་འདོར་བྱེད་པའམ་ནོར་བཅོས་བྱེད་པས་བདག་དབང་ཡོད། ཁྱེད་ཀྱི་རེ་ཞུ་བཞིན། ཧུ་ཝཡེ་ཡིས་ཁྱེད་ཀྱི་བཀོད་ཁྱབ་ཇི་བཞིན་ཆ་འཕྲིན་དག་བསུབ་འདོར་རམ་ནོར་བཅོས་བྱེད་པ་ཡིན། དེ་ལྟར་བྱེད་པར། གློག་འཕྲིན་བརྒྱུད་ནས་ཁྱེད་ཀྱིས་ང་ཚོར་འབྲེལ་གཏུག་བྱ་ཆོག་པ་ཡིན།
consumer_privacy@huawei.com ཡིན་ནའང་། གལ་ཏེ་ང་ཚོར་རེ་ཞུ་འདི་དྲང་པོ་མིན་པའམ། ཁྱོན་ནས་ལག་བསྟར་མི་རུང་བ་ཡིན་པའི་དོན་ལྡན་གཞིར་བཟུང་གི་ཡིད་ཆེས་བྱུང་ན། ང་ཚོས་རེ་ཞུ་འདི་ལས་སྣོན་བྱེད་ཕྱོགས་ཉམས་རྒུད་དུ་གཏོང་ཐུབ་པ་ཡིན།
5 ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཇི་ལྟར་སྲུང་སྐྱོབ་བྱེད་ཐུབ་བམ།
ཧུ་ཝཡེ་ཡིས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་བདེ་འཇགས་ཐད་དོ་གལ་ཆེན་པོའི་འགན་འཁུར་བྱེད་པ་ཡིན། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་དེ་དབང་ཚད་མེད་པའི་ལྟ་སྤྱོད་དང་གསང་སྒྲོག བེད་སྤྱོད། བརྗེ་སྒྱུར། སྐྱོན་ཆག་དང་གྱོང་གུན་མི་བྱུང་བའི་ཐད། ང་ཚོས་བཟོ་གྲྭ་ཚད་ལྡན་ལག་བསྟར་བྱེད་ཀྱི་ཡོད། ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་སྲུང་སྐྱོབ་བྱེད་པའི་དོན་ལྡན་ལག་བསྟར་ཐུབ་པའི་ཐབས་ཤེས་ཆ་ཚང་བེད་སྤྱོད་བྱེད་ཡོད། དཔེར་ན། གཞི་གྲངས་གསང་རྒྱ་གནས་པའི་ངེས་བརྟན་ཆེད་ང་ཚོས་གསང་སྡོམ་བེད་སྤྱོད་བྱེད་ཀྱི་ཡོད། ངན་སེམས་ཅན་གྱི་གནོད་སྐྱོན་ལས་གཞི་གྲངས་སྲུང་སྐྱོབ་བྱེད་པར་ང་ཚོས་ཡིད་ཆེས་བྱེད་ཆོག་པའི་འཕྲུལ་འཁོར་མ་ལག་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོས་ཚོད་འཛིན་ཐུབ་པའི་འཕྲུལ་འཁོར་མ་ལག་གི་ས་ཆ་སྒྲིག་བཀོད་བྱས་ཡོད་པ་དང་། དེ་ནང་དབང་ཚད་ལྡན་པའི་ཆེད་ལས་མི་སྣ་ཁོ་ནར་སྒེར་གྱི་གཞི་གྲངས་ལྟ་སྤྱོད་བྱེད་དུ་འཇུག་པ་ཡིན། ང་ཚོས་ལས་མི་ཚོ་ལ་ཡང་སྒེར་གྱི་གཞི་གྲངས་སྲུང་སྐྱོབ་བྱ་དགོས་ཚུལ་གལ་ཆེན་པོ་ཡིན་པ་བདེ་འཇགས་དང་གསང་སྡོམ་སྲུང་སྐྱོབ་དོ་སྣང་གི་སྦྱོང་བརྡར་ཚོགས་ཐུན་བརྒྱུད་ནས་ཤེས་སུ་འཇུག་གི་ཡོད།
ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་ཚོད་མཚམས་བྱེད་རྒྱུའི་རྒྱུ་མཚན་དང་ལག་བསྟར་ཐུབ་པའི་ཐབས་ལམ་ལེན་གྱི་ཡོད། གྲོས་མཐུན་འདི་ནང་འགོད་པའི་དགོས་དོན་ངེས་ལྡན་དག་སྐོང་བའི་དུས་ཚོད་ཁ་ནའི་རིང་། ང་ཚོས་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་རྙེད་སོན་བྱེད་པ་ཡིན། ཁྲིམས་མཐུན་ནས་འདུས་ཡུན་འཛིན་བཟུང་རིང་བ་ལྡན་དགོས་ན་མགཏོགས། དེ་མིན་དགོས་ངེས་ལས་ལྷག་པའི་དུས་ཚོད་རིང་ཁྱེད་ཀྱི་སྒེར་གྱི་གཞི་གྲངས་རྙེད་སོན་བྱེད་མི་བྱེད་པ་ཡིན། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་སྲུང་སྐྱོབ་བྱེད་པར་བདག་གཅེས་བྱེད་ཀྱང་། བདེ་འཇགས་ཚད་འཛིན་ནི་བརྒྱ་ཆ་ ༡༠༠% ཡང་དག་གམ་ཆག་མི་ཐུབ་པའི་འགན་ཁག་བཟོས་མི་ཐུབ་པ་ཇི་བཞིན་ང་ཚོས་ཡང་དེ་ལྟར་ཁས་ལེན་བྱེད་མི་ཐུབ་པའི་ཐུགས་སྣང་མཛོད།
6 ཧུ་ཝཡེ་ཡིས་ཕྲུ་གུའི་སྒེར་གྱི་གཞི་གྲངས་དག་ཇི་ལྟར་བྱེད་ནས་སྐྱོང་འཛིན་བྱེད་དམ།
ང་ཚོའི་དངོས་རྫས། དྲ་ཚིགས། དང་ཞབས་ཞུ་དག་རྒན་ཚད་ལོངས་པའི་ཆེད་གཙོ་བོ་དམིགས་བཀར་བ་ཡིན། ཕ་མའམ་ལྟ་སྐྱོང་བྱེད་པོའི་ཆོག་མཆན་མེད་པར། ཕྲུ་གུ་ཚོས་རང་གི་སྤྱོད་པ་པོའི་ཐོ་ཁོངས་བཟོ་སྐྲུན་བྱེད་མི་ཆོག་པ་ཡིན། ཕྲུ་གུའི་སྒེར་གྱི་གཞི་གྲངས་དེ་ཁྲིམས་མཐུན་དགོས་ངེས་བཞིན་ནམ་ཕ་མའི་ཆོག་མཆན་བཞིན་བཟོས་པ་ཡིན། ང་ཚོས་དེ་ལྟ་བུའི་སྒེར་གྱི་གཞི་གྲངས་དེ་ཁྲིམས་ལུགས་ཀྱི་ཆོག་མཆན་དང་། ས་གནས་ཁྲིམས་ལུགས་དང་སྒྲིག་སྲོལ་གཏན་འབེབས་ལྟར་ཕ་མའི་ཆོག་མཆན་ལྷན་ནམ། ཕྲུ་གུ་སྐྱོབ་པར་བཅས་ཁོ་ན་ཆེད། ང་ཚོས་སྒེར་གྱི་གཞི་གྲངས་བེད་སྤྱོད་བྱེད་པའམ་གསང་སྒྲོག་བྱེད་པ་ཡིན། འོས་སྦྱོར་ཁྲིམས་ལུགས་དང་ས་གནས་རིག་གཞུང་ལམ་ལུགས་ལ་གཞིགས་པས། ཕྲུ་གུའི་མཚན་ཉིད་འཇོག་སྟངས་འདྲ་མིན་ཡོད་པ་ཡིན། ང་ཚོས་སྐྱེས་བུ་གང་ཞིག་ལོ་ ༡༣ འོག་ཡིན་ན་ཕྲུ་གུ་རུ་ངོས་འཛིན་བྱེད་ཀྱི་ཡོད།
གལ་ཏེ་ཕ་མའི་ཆོག་མཆན་མེད་པར་ཕྲུ་གུའི་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱས་པ་ཧུ་ཝཡེ་ཡིས་ཤེས་པ་ཡིན་ན། དེ་ཡིས་གང་མགྱོགས་ཆ་འཕྲིན་བསུབ་འདོར་བྱས་པའི་གོམ་རིམ་ལེན་པ་ཡིན།
7 ཚོགས་སྡེ་གསུམ་པ་མཁོ་སྤྲོད་པ་དང་ཁོང་ཚོའི་ཞབས་ཞུ་དག
ནུས་ལྡན་ཐུགས་འཕྲད་དང་སྤྱོད་པ་པོའི་ཉམས་མྱོང་གོང་མཐོར་གཏོང་བའི་ངེས་བརྟན་བཟོ་ཕྱིར། ཁྱེད་ལ་ཚོགས་སྡེ་གསུམ་པ་ནས་ཧུ་ཝཡེ་དང་ང་ཚོའི་ཚོང་སྦྲེལ་ལས་རོགས་ (“ཚོགས་སྡེ་གསུམ་པ་དག”) གི་ནང་དོན་ནམ་དྲ་རྒྱ་རིམ་འདས་མཁོ་སྤྲོད་བྱས་པ་ཡིན། ཧུ་ཝཡེ་ཡིས་ཚོགས་སྡེ་གསུམ་པའི་སྟེང་ཚོད་འཛིན་མེད་པ་དང་། ཁྱེད་ཀྱིས་ཁོང་ཚོའི་རིམ་འདས་སམ་ནང་དོན་ལྟ་སྤྱོད་བྱེད་དགོས་མེད་དམ། ཡང་ན། ཁོང་ཚོའི་ཞབས་ཞུ་དག་གམ་དངོས་རྫས་བེད་སྤྱོད་དགོས་མིན་དེ་ཁྱེད་ཀྱིས་འདེམས་ཆོག་པ་ཡིན།
ཧུ་ཝཡེ་ཡིས་ཚོགས་སྡེ་གསུམ་པ་ཡིས་གསང་རྒྱ་དང་གཞི་གྲངས་སྲུང་སྐྱོབ་ཚད་གཞི་སྟེང་ཚོད་འཛིན་མེད་པ་དང་། དེ་ལྟ་བུའི་ཚད་གཞི་དག་གྲོས་མཐུན་འདི་ཡིས་ཡང་དབང་སྒྱུར་མི་བྱེད་པ་ཡིན། ཁྱེད་ཀྱིས་དྭངས་བླངས་ངང་ཚོགས་སྡེ་གསུམ་པར་ཆ་འཕྲིན་ཅི་རིགས་མཁོ་སྤྲོད་བྱེད་པར་ཐག་གཅོད་བྱེད་སྐབས། ཁོང་ཚོའི་གསང་སྡོམ་སྲུང་སྐྱོབ་སྲིད་ཇུས་དག་ལ་ངེས་པར་དུ་འབྲེལ་སྦྱོར་གནང་རོགས།
8 ཁྱེད་ཀྱི་སྒེར་གྱི་གཞི་གྲངས་རྒྱལ་སྤྱིའི་སྟེང་ཇི་ལྟར་འཕོ་འགྱུར་བྱེད་དམ།
རྒྱལ་ཁབ་འདྲ་མིན་ཁག་ནང་འབྱུང་ཁུངས་དང་། ཞབས་ཞུ་འཕྲུལ་ཆས་གནས་ཡོད་པ་དག་བེད་སྤྱོད་བྱེད་ནས། ཧུ་ཝཡེ་དངོས་རྫས་དང་ཞབས་ཞུ་དག་མཁོ་སྒྲུབ་བྱེད་པ་ཡིན། དེ་འདྲ་སོང་ཙང་་། ཁྱེད་ཀྱི་སྒེར་གྱི་གཞི་གྲངས་རྒྱལ་སྤྱིའི་ས་མཚམས་བརྒལ་བའི་རྒྱལ་ཁབ་ཕྱི་རོལ་གང་ཞིག་ཏུ་ཁྱེད་ཀྱིས་ང་ཚོའི་དངོས་རྫས་དང་ཞབས་ཞུ་དག་བེད་སྤྱོད་བྱེད་སར་འཕོ་འགྱུར་དང་ལྟ་སྤྱོད་བྱེད་པ་ཡིན། རྒྱལ་ཁབ་དེ་དག་ལ་སྒེར་གྱི་གཞི་གྲངས་ཆེད་ངེས་ཅན་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་མེད་སྲིད་པ་ཡིན། ཡང་ན། ཁོང་ཚོར་གཞི་གྲངས་སྲུང་སྐྱོབ་སྐོར་ཁྲིམས་མཐུན་སྒྲིག་སྲོལ་མི་འདྲ་བ་ཡོད་སྲིད་པ་ཡིན། གནད་དོན་འདི་འདྲ་སྐབས། ཧུ་ཝཡེ་ཡིས་ཁྱེད་ཀྱི་གཞི་གྲངས་ལ་སྲུང་སྐྱོབ་རིམ་པ་གཅིག་མཚུངས་སྤྲོད་པའི་ངེས་བརྟན་བཟོ་བ་དང་། དེས་ལྟ་བུའི་ཁྱེད་ཀྱི་གཞི་གྲངས་ཆེད་འདང་ངེས་བཞིན་པའི་སྲུང་སྐྱོབ་ནི་འོས་སྦྱོར་ཁྲིམས་ལུགས་དང་སྒྲིག་སྲོལ་གཏན་འབེབས་དགོས་ངེས་བཞིན་མཁོ་སྤྲོད་བྱས་པ་ཡིན། དཔེར་ན། ཧུ་ཝཡེ་ཡིས་ཁྱེད་ཀྱི་གཞི་གྲངས་རྒྱལ་སྤྱི་སྟེང་འཕོ་འགྱུར་བྱེད་པར་ཁྱེད་ཀྱི་ཆོག་མཆན་ལ་བརྟེན་སྲིད་པ་ཡིན། ཡང་ན། ས་མཚམས་བརྒལ་ནས་གཞི་གྲངས་འཕོ་འགྱུར་བྱེད་པར་མིང་མེད་སྔོན་དུ་སོང་བའི་ཐབས་ལམ་ལྟ་བུ་བེད་སྤྱོད་བྱེད་ནས་བདེ་འཇགས་ལག་བསྟར་བྱེད་སྲིད་པ་ཡིན།
9 སྲིད་ཇུས་ཇི་ལྟར་བྱེད་ནས་གསར་བརྗེ་བྱེད་དམ།
ཧུ་ཝཡེ་ཡིས་དུས་ནས་དུས་སུ་གྲོས་མཐུན་འདིའི་གསར་བརྗེ་འམ་ལེགས་བཅོས་ཀྱི་བདག་དབང་ཟུར་བཅད་ཟིན་པ་ཡིན། ཧུ་ཝཡེ་ཡིས་བརྒྱུད་ལམ་ཁག་བརྒྱུད་ནས་བརྗེ་སྒྱུར་དག་གི་བརྡ་ཁྱབ་གཏོང་བ་ཡིན། ང་ཚོའི་གསང་རྒྱ་སྲིད་ཇུས་ལ་བརྗེ་སྒྱུར་ཡོད་པ་ཡིན་ན། ང་ཚོས་དྲ་ཚིགས་སྟེང་གསང་རྒྱ་སྲིད་ཇུས་གསར་ཤོས་དེ་པཀོད་པ་ཡིན། དྲ་ཚིགས་ཁ་བྱང་། (
http://consumer.huawei.com). ང་ཚོས་ཁྱེད་ལ་ང་ཚོའི་གསང་སྡོམ་སྲིད་ཇུས་ཀྱི་སྒྱུར་བཅོས་གང་བྱུང་ཡང་ཁྱེད་ལ་བརྡ་ཐོ་ལོགས་སུ་ (དཔེར་ན། གློག་འཕྲིན་བརྡ་ཁྱབ།) མཁོ་སྤྲོད་ཀྱང་བྱེད་སྲིད་པ་ཡིན།
10 རྒྱལ་སྤྱིའི་སྤྱོད་པ་པོ་དག
ཧུ་ཝཡེ་ཀ་ལོ་དྲི་ཞབས་ཞུ་དག་གི་ཉེར་སྤྱོད་མཁན་གྱི་རྒྱ་ཁྱབ་ནང་འཚུད་དུ། འབྲེལ་ཡོད་དོ་བདག་གང་ཞིག་ཡུ་རོབ་པའི་དཔལ་འབྱོར་ས་ཁུལ་ནང་གི་ཚོགས་མི་གོ་གནས་ (EEA) སུ་གནས་སྡོད་བྱེད་པའམ། ཡང་ན། སྭི་ཛར་ལེན་ཌི། ཨལ་བ་ནི་ཡ། ཨན་དོར་ར། བོ་སི་ནི་ཡ། ཕ་རོ་གླིང་ཕྲན། གིབ་རལ་ཏར། གྷི་རིན་ལེན་ཌི། མེ་སི་དྲོ་ནི་ཡ། མོལ་དོ་བ། མོ་ནེ་ཁོ། མོན་ཊི་ནེག་རོ། སེན་མ་རི་ནོ། སར་བི་ཡ། ཝེ་ཊི་ཁེན། ཉི་འོང་། ཀོ་རི་ཡ། ཨ་རི་དང་། ཀེ་ན་དྲ་དག་གི་ནང་གནས་སྡོད་བྱེད་མཁན་དག་གི་སྒེར་གྱི་ཆ་འཕྲིན་དེ་དྲོ་ཤི་ལེན་ཌའི་ཧུ་ཝཡེ་འཕྲུལ་རིག་ GmbH ཡིས་ཚོད་འཛིན་བྱས་པ་ཡིན་པས་ཐུགས་སྣང་མཛོད། ཡིན་ནའང་། ཧུ་ཝཡེ་དྲ་ཐོག་མཛོད་ཁང་ www.hihonor.com/us དེ་ཧུ་ཝཡེ་སྒྲིག་ཆས་ཨ་རི་ Inc. ཡིས་ཚོད་འཛིན་བྱེད་པ་ཡིན།
11 ཧུ་ཝཡེ་ལྷན་ཇི་ལྟར་འབྲེལ་གཏུག་བྱ་དགོས་སམ།
གལ་ཏེ་ཁྱེད་ལ་དྲི་བ། འགྲེལ་བརྗོད་དམ་བསམ་འཆར་གང་ཞིག་ཡོད་རུང་། ང་ཚོ་ལ་གློག་འཕྲིན་བརྒྱུད་འབྲེལ་གཏུག་གནང་རོགས། ཡང་ན། དེ་དག་ང་ཚོའི་གོ་ལ་ས་གནས་ལས་ཁུངས་བཞི་ལས་གཅིག་ལ་འབུལ་རོགས་གནང་།
consumer_privacy@huawei.com ང་ཚོའི་ལས་ཁུངས་ས་ཚིགས་ཀྱི་མཇུག་གཙང་ཐོ་གཞུང་ཆེད། ང་ཚོའི་དྲ་ཚིགས་སུ་བསྐྱོད་རོགས་གནང་།
http://www.huawei.com/en/contact-us
གལ་ཆེ་བརྡ་ཐོ། - ས་གནས་ཁྲིམས་ལུགས་དང་སྐད་ཡིག་གོམས་འདྲིས་རྐྱེན་པས། ས་གནས་སྐད་ཡིག་ནང་ཡོད་པའི་ཧུ་ཝཡེ་གསང་སྡོམ་སྲིད་ཇུས་ཀྱི་རིམ་པ་དེ། འདི་ལས་ཁྱད་པར་ཏོག་ཡོད་པ་ཡིན། མི་འདྲ་བར་བསམ་གཞིགས་བྱེད་པའི་ཐོག ས་གནས་སྐད་ཡིག་རིམ་པ་འཕེལ་བ་ཡིན།
གསར་སྒྱུར་ཐ་མ་ཟིན་དུས། ༢༠༡༦ ཕྱི་ཟླ་དགུ་པ།
པར་སྐྲུན་བདག་དབང་། © ཧུ་ཝཡེ་སྒྲིག་ཆས་ཁེ་ལས་མཉམ་འདུས་ཚད་གཞི་ཅན། ༢༠༡༦ བདག་དབང་ཆ་ཚང་ཟུར་བཅད་ཟིན།